对物业不满意,能拒交物业费吗?(一)

发布于 2021-10-14 08:20


对物业不满意,能拒交物业费吗?

སྡེ་ལས་ལ་བློ་ཡིད་མི་ཚིམ་ན། སྡེ་ལས་ཀྱི་གླ་ཆ་མ་སྤྲད་ན་འགྲིག་གམ།  

 

 

 

     སྡོད་ཁང་གི་སྐོར་གླེང་སྐབས་སྡེ་ལས་ཀྱི་གྲོན་དངུལ་ནི་ཐོག་མཐའ་བར་གསུམ་ངེས་པར་དུ་གླེང་དགོས་པའི་བརྗོད་གཞི་ཞིག་ཡིན་ལ།   དེ་ན་གནས་ཚུལ་གང་འདྲ་ཞིག་གི་འོག་སྡེ་ལས་ཀྱི་གྲོན་དངུལ་སྤྲོད་རྒྱུ་དང་ལེན་མ་བྱས་ན་ཆོག་པ་དང་།   སྡེ་ལས་ཀྱི་བྱ་སྤྱོད་ཁ་ཤས་ནི་ངོ་མའི་ཁྲིམས་མཐུན་ཞིག་ཡིན་ནམ་མིན།

   ཞིབ་དཔྱོད་དཔོན་གྱིས་ཁྱོད་ལ་ " གནས་ཚུལ་ངོ་མ་"བཤད།  

    གནད་དོན་དང་པོ།

    ཁང་བ་ནང་དུ་བསྡད་མེད་ན་སྡེ་ལས་ཀྱི་གྲོན་དངུལ་སྤྲོད་དགོས་སམ།   

    ཞིབ་དཔྱོད་དཔོན་པོས་བཤད་དོན།   

     སྡེ་ཁུལ་གྱི་སྡེ་ལས་ཞབས་ཞུའི་གྲོན་དངུལ་གཙོ་བོ་ནི་ཐུན་མོང་རང་བཞིན་གྱི་ཞབས་ཞུའི་གླ་རིན་ཡིན་ཞིང་།   དེའི་ནང་སྤྱིའི་སྒྲིག་ཆས་དང་སྒྲིག་བཀོད་ཀྱི་རྒྱུན་གཏན་འཁོར་སྐྱོད་དང་། ཉམས་གསོ།   བདག་སྐྱོང་། སྔོ་འགྱུར་དོ་དམ།   བདེ་སྲུང་།  གཙང་སྦྲ་སོགས་ཚུད་ཡོད་པས། ཁང་བདག་རང་གི་ཁང་བ་ནང་གནས་སྡོད་བྱས་ཡོད་མེད་ལ་མི་བལྟ་བར་ཁང་པ་སྟོང་པ་ཡིན་རུང་འོས་འཚམ་གྱི་སྡེ་ལས་གྲོན་དངུལ་སྤྲོད་དགོས་པ་ཡིན།

    འབྲེལ་ཡོད་ཁྲིམས་སྲོལ།

   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང གི་དོན་ཚན་དགུ་བརྒྱ་ཞེ་བཞི་པར། ཁང་བདག་གིས་སྡེ་ལས་ཞབས་ཞུ་བ་ལ་ངེས་པར་དུ་ཁ་ཆད་ལྟར་སྡེ་ལས་གྲོན་དངུལ་སྤྲོད་དགོས།   སྡེ་ལས་ཞབས་ཞུ་བྱེད་མཁན་གྱིས་ཁ་ཆད་དང་འབྲེལ་ཡོད་གཏན་འབེབས་ལྟར་ཞབས་ཞུ་མཁོ་འདོན་བྱས་ཡོད་ཚེ།    ཁང་བདག་གིས་རང་ཉིད་ཀྱིས་འབྲེལ་ཡོད་སྡེ་ལས་ཞབས་ཞུ་དེ་དང་ལེན་བྱས་མེད་པའམ་ཡང་ན་དང་ལེན་བྱེད་མི་དགོས་པ་རྒྱུ་མཚན་དུ་བྱས་ནས་སྡེ་ལས་གྲོན་དངུལ་མི་སྤྲོད་པ་བྱས་མི་ཆོག       

     གནད་དོན་གཉིས་པ།

     ཁང་པའི་སྤུས་ཚད་ཀྱི་གནད་དོན་དབང་གིས་ཁང་བ་ནས་མར་ཆུ་འཛག་གི་ཡོད་པར་ཁ་གཡར་ནས་སྡེ་ལས་ཀྱི་གྲོན་དངུལ་མ་སྤྲད་ན་འགྲིག་གམ།        

     ཞིབ་དཔྱོད་དཔོན་པོས་བཤད་དོན།   

      ཁང་བ་ལས་མཁན་ཚོང་པ་ནི་ཁང་པ་གསར་སྤེལ་དང་ཕྱིར་འཚོང་བྱེད་མཁན་ཡིན་པའི་ཆ་ནས།   བཙོངས་པའི་ཚོང་རྫས་ཁང་པའི་སྤུས་ཚད་ལ་འགན་ལེན་གྱི་འགན་འཁྲི་འཁུར་དགོས། ཁང་བ་ནས་མར་ཆུ་འཛག་པ་དང་ཆུ་སིམ་པའི་གནད་དོན་ནི་ཁང་བའི་རྒྱུ་སྤུས་ཀྱི་གནད་དོན་ལ་གཏོགས་ན།    དེ་ནི་སྡེ་ལས་ཞབས་ཞུ་དང་བཅའ་ཁྲིམས་ཀྱི་འབྲེལ་བ་གཅིག་པ་མིན་པས།    ཁང་བདག་གིས་ཁེ་ལས་ཐོན་འབྱེད་ཚོང་པ་ལ་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་བདའ་འདེད་བྱ་དགོས་པ་ལས།  འདི་རྒྱུ་མཚན་དུ་བྱས་ནས་སྡེ་ལས་གྲོན་དངུལ་སྤྲོད་རྒྱུ་དང་ལེན་མ་བྱས་ན་མི་ཆོག  


 对物业不满意,能拒交物业费吗?


        提起住房,物业费始终是难以绕开的话题,那么,哪些情况可以拒交物业费?物业的某些行为真的合法吗?

        检察官告诉你"真相"

        问题一 :  房子没入住,要交物业费吗?

        检察官说:

  小区的物业服务费主要是公共性服务收费,包括公共设备、设施的日常运行、维修和保养,绿化管理、保安、保洁等,无论业主是否入住,即使房屋空置,也应当缴纳相应物业费。

法条链接:

  《中华人民共和国民法典》第九百四十四条:业主应当按照约定向物业服务人支付物业费。物业服务人已经按照约定和有关规定提供服务的,业主不得以未接受或者无需接受相关物业服务为由拒绝支付物业费。

         问题二:  房屋质量问题导致漏水,可以不交物业费么?

        检察官说:

  开发商作为房屋的开发销售方,对所售商品房承担质量保修责任,属于房屋质量问题的漏水、渗水问题,与物业服务不是同一法律关系,业主应追究开发商的赔偿责任,故不能以此为由拒缴物业费。




གངས་ཅན་ཁྲིམས་རྨོངས་ཅི་སྙེད་པ།    

མྱུར་དུ་རྨོངས་ལས་ཐར་གྱུར་ནས།    

ནང་འཁྲུག་ནང་དམེ་གྱོད་སྣ་སོགས།    

ནམ་ཡང་འབྱུང་བ་མེད་པར་ཤོག 

 

学法用法是为了幸福生活

本文来自网络或网友投稿,如有侵犯您的权益,请发邮件至:aisoutu@outlook.com 我们将第一时间删除。

相关素材